Mojim Lyrics
Mojim Lyrics > Asian female singers > 澤旺拉姆 > Miscellaneous > 金色美朵

澤旺拉姆



Lyrics
Album list

澤旺拉姆

金色美朵

སེར་ཆེན་མེ་ཏོག
ཚིག གཅུང་།
དབྱངས། བློ་ཚེ།
ལེན་མཁན། ཤེར་བསྟན་དང་ཚེ་དབང་ལྷ་མོ།
ལྕང་དཀར་གླིང་ལ་དགའ་བྱུང་།
ཁྲ་མོ་གླིང་ལ་སྐྱིད་བྱུང་།
སོ། ལྕང་དཀར་༼ལ་རོ༽གནམ་དེ་འཁོར་ལོ་རྩིབས་བརྒྱད་ལོ།
སོ། ཁྲ་མོ་༼ལ་རོ༽སྤྲིན་བཟང་དཀར་པོ་གུར་ཁང་ནས།
གཡུ་འབྲུག་སྔོན་མོའི་གསུང་ཞིག་གྲགས་བྱུང་ལོ།
མེ་ཏོག་ཆར་བ་འབབ་ཟེར་ཡར་འགྲོ་ལོ།
ལྕང་དཀར་གླིང་ལ་རོ།
དྲོ་འཇམ་ཉི་མའི་འོག་ལ་ཁྲ་མོ་གླིང་ལ་རོ།
འོ། འཇའ་ཚོན་ཆུ་རིས་ཤིག་ཤིག་སྤང་གཤོངས་སྔོན་མོའི་སྟེང་གི་ལོ།
ཨ་རོགས་ལ་སེར་ཆེན་མེ་ཏོག་ཤར་བྱུང་ལོ།
སྦྲང་ཆར་ཡོད་ལ་བསིལ་མ་ཡོད།
མེ་ཏོག་ཡོད་ལ་སེར་ཆེན་ཡོད།
སོ། ཨོ་ལ་རོགས་མཆོད་པ་འབུལ།
སོ། ལྕང་དཀར་ལ་རོ།
Find more lyrics at ※ Mojim.com
ས་གཞི་པད་མ་འདབ་བརྒྱད་ལོ།
སོ། ཁྲ་མོ་ལ་རོ།
སེང་ལྕམ་དཀར་པོའི་དབུ་རྩེ་ནས།
སེར་པོ་གསེར་གྱི་ཉི་མ་ཤར་བྱུང་ལོ།
མེ་ཏོག་ཞལ་ཁ་ཕྱེས་ཟེར་ཡར་འགྲོ་ལོ།
ལྕང་དཀར་གླིང་ལ་རོ།
སེར་ཆེན་མེ་ཏོག་གཅིག་ལ་ཁྲ་མོ་གླིང་ལ་རོ།
གཡུ་སྦྲང་འཚང་ཁ་ཤིག་ཤིག་སེར་པོ་གསེར་གྱི་ཉི་མ།
མེ་ཏོག་མཆོད་པ་འབུལ་འགྲོ་ལོ་བྱུང་ལོ།
སྦྲང་ཆར་ཡོད་ལ་བསིལ་མ་ཡོད།
མེ་ཏོག་ཡོད་ལ་སེར་ཆེན་ཡོད།
སོ། མཆོད་པ་འབུལ།
སྦྲང་ཆར་ཡོད་ལ་བསིལ་མ་ཡོད།
མེ་ཏོག་ཡོད་ལ་སེར་ཆེན་ཡོད།
སོ། མཆོད་པ་འབུལ།