Mojim Lyrics
Mojim Lyrics > Asian female singers > 澤旺拉姆 > Miscellaneous > 心中的拉薩

澤旺拉姆



Lyrics
Album list

澤旺拉姆

心中的拉薩

Lyricist:周拉加
Composer:雲丹貢布

གངས་དེ་གླུ་རུ་བླངས་ཡོད།
གླུ་ལ་ཉི་འོད་འཕྲོས་ཡོད།
འོད་ཟེར་གླིང་ནས་བསྟས་པས།
དབུས་ཀྱི་གསེར་ཏོག་མཐོང་བྱུང་།
རྗེ་བཙན་པོའི་ཐུགས་ཀྱིས་བཀོད་པའི།
བོད་སྒང་པའི་ལས་ཀྱིས་བསགས་པའི་ཉི་མ་ལྷ་ས།
ངའི་དྲན་པའི་གཏིང་རྡོ་ན་ཆགས་པའི་ཉི་མ་ལྷ་ས།
ངའི་སེམས་ཀྱི་གླུ་འདེ་ཁྱེད་ལ་རྒྱང་ལེན་བྱེད་དུས།
ཧ་ཨ་་་་་་ཉི་མའི་མགུལ་རྒྱན་ན་འཚེར་བའི་གཟི་བྱིན་མཐོང་བྱུང།
རྡོ་བའི་གཏིང་རིམ་ན་བརྫོང་པའི་གཏམ་རྒྱུད་ཐོས་བྱུང་།
ཧ་ཨ་་་་་་ལྷ་ས། ཉི་མ་ལྷ་ས།
ང་ཡི་སེམས་ཁོང་གི་དད་པའི་གཟུངས་ཐག།
སྤང་དེ་གླུ་རུ་བླངས་ཡོད།
གླུ་ལ་འཇའ་ཚོན་ཤར་ཡོད།
Find more lyrics at ※ Mojim.com
འཇའ་འོད་ཀློང་ནས་བསྟས་པས།
དབུས་ཀྱི་རྒྱ་ཕིབས་མཐོང་བྱུང་།
དྲིན་ཕ་ལོའི་ཕྱག་གིས་གཞལ་བའི།
བྱམས་མ་ལོའི་སེམས་ཀྱིས་མྱངས་བའི་ཉི་མ་ལྷ་ས།
ངའི་དྲན་པའི་ཡང་སྣེ་ན་ཆགས་པའི་ཉི་མ་ལྷ་ས།
ངའི་སེམས་ཀྱི་གླུ་འདེ་ཁྱེད་ལ་རྒྱང་ལེན་བྱེད་དུས།
ཧ་ཨ་་་་་་མེས་པོའི་འོད་སྣང་གིས་ཟིན་པའི་ཤེས་རིག་མཐོང་བྱུང་།
ལོ་ཟླ་ཆར་རླུང་གིས་བྲིས་པའི་སྐྱེད་སྡུག་རེག་བྱུང་།
ཧ་ཨ་་་་་་ལྷ་ས། ཉི་མ་ལྷ་ས།
ང་ཡི་སེམས་ཁོང་གི་དད་པའི་གཟུངས་ཐག།
ཧ་ཨ་་་་་་མེས་པོའི་འོད་སྣང་གིས་ཟིན་པའི་ཤེས་རིག་མཐོང་བྱུང་།
ལོ་ཟླ་ཆར་རླུང་གིས་བྲིས་པའི་སྐྱེད་སྡུག་རེག་བྱུང་།
ཧ་ཨ་་་་་་ལྷ་ས། ཉི་མ་ལྷ་ས།
ང་ཡི་སེམས་ཁོང་གི་དད་པའི་གཟུངས་ཐག།